མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་04ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡའི་མཛའ་གྲོགས་ཀྱི་ལོ་རྒྱུས་གཏིང་ཟབ་པ་དང་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་བརྗོད་ཀྱི་ཡོད། ཀྲུང་གོ་དང་ཐིག་དམར་ཀུའི་ནེ་ཡ་ནི་བློས་འགེལ་ཆོག་པའི་རོགས་ཟླ་དང་སྤུན་ཟླ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཐུན་མོང་ཐོག་གསོན་ཤུགས་གསར་པ་ཟམ་མི་ཆད་པར་བསྣན་ཡོད། ཕྱོགས་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་དང་སྲིད་འཛིན་ཏང་འཛུགས་སྐྱོང་གི་ཉམས་མྱོང་མུ་མཐུད་སྤེལ་རེས་གཏིང་ཟབ་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱེད་དགོས།
      ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའི་ནེ་ཡ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའི་ནེ་ཡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་མི་ཤུགས་ཐོན་ཁུངས་གསར་སྤེལ་དང་། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐིག་དམར་ཀུའི་ནེ་ཡའི་2020ལོའི་འཕེལ་རྒྱས་ཀྱི་འཆར་འགོད་མངོན་འགྱུར་བྱ་རྒྱུར་རོགས་འདེགས་བཏང་ཐོག་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་གི་སྒྲིག་གཞིའི་འཐབ་ཇུས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།