མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་མཚོ་འགག་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་མཚོ་འགག་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན་སྐབས་བདུན་པའི་མཚོ་འགག་གླེང་སྟེགས་ཞ་མོན་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།
         གླེང་སྟེགས་འགོ་རྩོམ་མཛད་སྒོ་མ་འཚོགས་གོང་ལ་ཡུས་ཀྲེང་ཧྲེང་གིས་ད་དུང་མཚོ་འགག་གླེང་སྟེགས་དྲན་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྟེ་འགྲེམས་སྟེགས་མདུན་དུ་མཚོ་འགག་ངོགས་གཉིས་ཀྱི་དབང་པོ་སྐྱོན་ཅན་མི་སྣའི་འཐུས་ཚབ་དང་བྱམས་བརྩེ་ལྡན་པའི་ངང་གླེང་མོལ་གནང་བ་མ་ཟད། གླེང་སྟེགས་ལ་ཞུགས་པའི་མཚོ་འགག་ངོགས་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གཙོ་གཉེར་སྡེ་ཚན་གྱི་འཐུས་ཚབ་ལ་མཇལ་འཕྲད་ཀྱང་གནང་བ་རེད། ཧྲེང་ཡུའེ་ཡུའེ་དང་། མ་ཕེ་ཧྭ། ཀུའུ་ཞིའུ་ལན་སོགས་མཇལ་འཕྲད་གནང་བར་ཞུགས་པ་མ་ཟད་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཡང་ཞུགས་པ་རེད།
         ཡང་གློག་འཕྲིན་ཞིག་འབྱོར་བ་ལྟར་ན། ཟླ་6ཚེས་13ཉིན་གྱི་ཕྱི་དྲོར་ཡུས་ཀྲེང་ཧྲེང་ཞ་མོན་གྲོང་ཁྱེར་ཧའེ་ཚང་ཆུས་ཆིན་ཅའོ་གྲོང་ཚོའི་ཡོན་ཆན་ཧྲེར་ཕེབས་ཏེ་མཚོ་འགག་ངོགས་གཉིས་ཀྱི“མིང་མཚུངས་གྲོང་ཚོ་གཅིག་སེམས་གཅིག་འབྲེལ”ཞེས་པའི་སྤེལ་རེས་བྱེད་སྒོར་ཞུགས་པ་མ་ཟད། སྐབས་བདུན་པའི་མཚོ་འགག་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཡུལ་མི་དང་བཞུགས་མོལ་ཡང་གནང་བ་རེད།