མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་གཉེར་བའི་རེ་ཞུ་འཐུས་མི་ཚོགས་པར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་31ཉིན། 19:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་གཉེར་བའི་རེ་ཞུ་འཐུས་མི་ཚོགས་པར།
                 པེ་ཅིང་གིས་ཀྲང་ཅ་ཁོའུ་གྲོང་ཁྱེར་དང་ལག་གདང་སྦྲེལ་ནས་2022ལོའི་སྐབས་24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཆོག་པའི་དབང་ཆ་ཐོག་པར་ངས་ཁྱོད་ཚོ་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ།
                 ཁྱོད་ཚོས་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་རེ་འདུན་ཞུ་པ་ལ་འབད་པ་ཆེན་པོ་བྱས་ཡོད། ཁྱོད་ཚོས་མུ་མཐུད་དུ་འབད་པ་ལྷོད་མེད་དང་ལས་དོན་ཏན་ཏིག་བསྒྲུབ་ནས་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་འོག་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ལྟད་མོ་ཆེ་བ་དང་། ཐུན་མོང་མ་ཡིན་པ། ཕུལ་དུ་བྱུང་བའི་ཨོ་རྩལ་འགྲན་ཚོགས་ཤིག་གཉེར་རྒྱུའི་རེ་བ་ཞུས་པ་ཡིན།

                                                                                                                                            ཞིས་ཅིན་ཕིང་། 
                                                                                                                                            2015ལོའི་ཟླ་7ཚེས་31ཉིན།