མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་དུ་ཞུགས་པ་
དང་འབྲེལ་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཡོན་ཧྲི་ཀྲའོ་ཀྲུང་ཞན་(གཡས་)དང་ཞིབ་འཇུག་པ་ཐུའུ་ཡོའུ་ཡོའུ་(གཡོན་)གཉིས་ལ་བྱ་དགའ་གནང་བ།

ཡོན་ཧྲི་ཀྲའོ་ཀྲུང་ཞན་(གཡས་)དང་ཞིབ་འཇུག་པ་ཐུའུ་ཡོའུ་ཡོའུ་(གཡོན་)གཉིས་ལ་བྱ་དགའ་གནང་བ།

          མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་དང་པོའི་ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་དུ་ཞུགས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་གནང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། ཀྲང་ཀའོ་ལིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
          སྔ་དྲོའི་ཆུ་ཚོད་10པར། བརྗིད་ཉམས་ལྡན་པའི་རྒྱལ་གླུ་གཏོང་བའི་ཁྲོད་དུ་ཚོགས་ཆེན་འགོ་ཚུགས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མར་2016ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཀྲུང་གོའི་ཚན་རིག་ཁང་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཧྲི་ཀྲའོ་ཀྲུང་ཞན་དང་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཞིབ་འཇུག་པ་ཐུའུ་ཡིའུ་ཡིའུ་གཉིས་ལ་བྱ་དགའི་དཔང་ཡིག་གནང་བ་དང་ཆབས་ཅིག ཁོང་གཉིས་དང་ཕྱག་གཏོང་གནང་སྟེ་རྟེན་འབྲེལ་ཞུས་པ་རེད། དེ་ནས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་པ་ཚོས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་སྔོན་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་འཐུས་མི་ཚོར་བྱ་དགའ་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་མཁན་མི་སྣ་ཡོངས་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རིག་ལག་རྩལ་ལས་བྱེད་པ་ཚོར་གུས་འདུད་བླ་མེད་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ། ཀྲུང་གོའི་ཚན་རིག་ལག་རྩལ་ལས་དོན་ལ་ཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་གཞན་པའི་ཆེད་མཁས་པ་ཚོར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

བྱ་དགའ་ཐོབ་པའི་འཐུས་མི་ཚོ་དང་མཉན་དུ་སྐུ་པར་བསྐྱོན་པ།
བྱ་དགའ་ཐོབ་པའི་འཐུས་མི་ཚོ་དང་མཉན་དུ་སྐུ་པར་བསྐྱོན་པ།
ཞི་ཅིན་ཕིང་གིས་ཡོན་ཧྲི་ཀྲའོ་ཀྲུང་ཞན་ལ་བྱ་དགའ་གནང་བ།
ཞི་ཅིན་ཕིང་གིས་ཡོན་ཧྲི་ཀྲའོ་ཀྲུང་ཞན་ལ་བྱ་དགའ་གནང་བ།
ཞི་ཅིན་ཕིང་གིས་ཞིབ་འཇུག་པ་ཐུའུ་ཡིའུ་ཡིའུ་ལ་བྱ་དགའ་གནང་བ།
ཞི་ཅིན་ཕིང་གིས་ཞིབ་འཇུག་པ་ཐུའུ་ཡིའུ་ཡིའུ་ལ་བྱ་དགའ་གནང་བ།
ཚོགས་ཆེན་གྱི་སྔོན་དུ་བྱ་དགའ་ཐོབ་མཁན་འཐུས་མི་ཚོར་མཇལ་ཁ་གནང་བ།