མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་
ཕྱོགས་བསྒྲིགས་》དཔེ་སྐྲུན་འགྲེམས་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་《གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་ཕྱོགས་བསྒྲིགས་》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་ནང་དུས་བབ་གསར་པའི་འོག་གི་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གལ་ཆེན་གྱི་གནད་དོན་ལ་རྒྱས་བཤད་གཏིང་ཟབ་གནང་ནས་དེང་སྐབས་གཞོན་ནུའི་ལོ་རྒྱུས་ཀྱི་འགན་འཁྲི་དང་འཚར་ལོངས་ཀྱི་ལམ་བུ་གསལ་སྟོན་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་གྱི་གཞི་རྩའི་བླང་བྱ་དང་གཙོ་གནད་ལས་འགན་ཁོང་དུ་ཆུད་པ་བྱེད་པ་དང་། གཞོན་ནུ་ལོ་ཆུང་ཚོས་ཕུགས་བསམ་ཆེན་པོ་གཏོད་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གཏོད་པ་དང་ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱེད་པ། གུང་གཞོན་སྡེ་ཚོགས་ཀྱི་ས“འདུ་ཤེས་བཞི”ཟབ་ཏུ་དང་སྔོན་ཐོན་རང་བཞིན་དང་གཟི་བརྗིད་ཚོར་སྣང་ཆེ་རུ་གཏོང་རྒྱུར་སློབ་གསོ་གཏོང་བ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སྐུལ་སློང་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་སློབ་སྦྱོང་ལ་འབད་བརྩོན་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད།
          《རྣམ་བཤད་ཕྱོགས་བསྒྲིགས་》དེ་ཁྱོན་ཆེད་དོན་ཁག་8ལ་ཕྱེ་ཡོད་པ་སྟེ། གཞོན་ནུ་ལོ་ཆུང་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་བྱེད་པ་ནི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ། གཞོན་ནུ་ལོ་ཆུང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གཏོད་པ་དང་ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱེད་དགོས་པ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་གྱི་འབད་འཐབ་པ་དང་། གསར་འབྱེད་པ། ལེགས་སྐྱེས་འབུལ་མཁན་བཅས་བློ་ཁོག་ཆེན་པོས་བྱེད་དགོས་པ། གུང་གཞོན་སྡེ་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་གཞིགས་ནས་ལས་ཀའི་གཞི་ཚུགས་ས་དང་། འབྲེལ་མཐུད་བྱེད་གནས། ཤུགས་རྒྱག་གཞི་བཅས་འཚོལ་ཞིབ་བྱེད་དགོས་པ། སྡེ་ཚོགས་ཀྱི་ལས་བྱེད་པས་ངེས་པར་དུ་གཞོན་ནུར་བརྩེ་སེམས་འཆང་བ་དང་གཞོན་ནུར་བློ་ཁ་ཕྱོགས་དགོས་པ། ད་ཆ་མེས་རྒྱལ་གྱི་བྱིས་པ་བཟང་པོ་བྱེད་པ་དང་འབྱུང་འགྱུར་མེས་རྒྱལ་གྱི་འཛུགས་སྐྲུན་པ་བྱེད་དགོས་པ། ཏང་གིས་གཞོན་ནུ་ལོ་ཆུང་དང་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད། དེབ་འདིའི་ནང་རྣམ་བཤད་དུམ་བུ་189བསྡུས་ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11ཚེས་29ནས་2017ལོའི་ཟླ་5ཚེས་3ཉིན་བར་གྱི་གསུང་བཤད་དང་། གཏམ་བཤད། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་གློག་འཕྲིན། ཡིག་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་40ལྷག་ཙམ་ནང་ནས་བཏུས་ཡོད་པ་དང་། དེའི་ནང་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་སུ་སྤེལ་ཐེངས་དང་པོ་ཡིན་པ་རེད།