མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ལོ་བཞིའི་རིང་རིམ་རྩིས་བརྒྱབ་ན་ནད་པ་དང་མང་ཚོགས་ཁྲི་6000ཙམ་ལ་
འོས་འགན་སྨན་བཅོས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་པ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལས་རྒྱལ་བར་བྱེད་པར་རྒྱུན་མཐུད་གསབ་དགོས་པའི་དམངས་འཚོའི“ཞན་ཆ”ཞིག་ཡིན། ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་གྱིས“མི་སེར་ལ་ཞབས་འདེགས་ཞུ་བའི་བདེ་ཐང་བྱ་སྤྱོད”ཅེས་པའི་རྒྱལ་ཡོངས་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་ཀྱི་གཟའ་འཁོར་འགོ་ཚུགས་མཛད་སྒོའི་ཐོག་རང་རྒྱལ་གྱིས་འཕྲོད་བསྟེན་དང་འཆར་བཙའ་སྲིད་འཛིན་སྡེ་ཚན་དང་སྨན་བཅོས་སྒྲིག་གཞི་ཁག་གིས་ཁ་གཏད་རོགས་སྐྱོར་དང་བདེ་ཐང་དབུལ་སྐྱོར་འདུ་འགོད་སོགས་ཀྱི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཐོག་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འོས་འགན་སྨན་བཅོས་སོགས་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་དམངས་ཕན་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་བསྒྱུར་རྒྱུ་ཡིན་ཞེས་བརྗོད་པ་རེད།
         2016ལོའི་རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་པའི་དུད་ཚང་གིས་དུད་ཚང་དབུལ་པོའི་བསྡོམས་འབོར་གྱི་42.6%ཟིན་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་དཀའ་གནད་ཅིག་ཡིན། “དབུལ་པོ་ཚོར་སྨན་བཅོས་ཡག་པོ་བྱེད་ཐུབ་པ་དང་གཞི་རྩའི་སྨན་བཅོས་འགན་ལེན་ཡོད་པར་བྱ་རྒྱུ”ནི་དབུལ་པོ་ཚོའི་དམངས་འཚོའི་ཐོབ་ཚོར་འགན་ལེན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།
        རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་སོགས་སྡེ་ཚན་མང་པོས《བདེ་ཐང་དབུལ་སྐྱོར་འདུ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པའི་ནང་དུ། ལག་རྩལ་གྱི་རྒྱབ་སྐྱོར་དང་། མི་སྣ་གསོ་སྦྱོང་། དོ་དམ་མཛུབ་ཁྲིད་སོགས་བྱེད་ཐབས་མང་པོ་སྤྱད་དེ་རོགས་སྐྱོར་བྱ་ཡུལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། 2020ལོར་སླེབས་སྐབས་ས་ཁུལ་དབུལ་པོའི་མི་ཚང་མར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཡོད་པར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས་བཟུང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས། ཀྲུང་དབྱང་དམག་ཨུད་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་པུའུ་འཕྲོད་བསྟེན་ཅུས་སོགས་སྡེ་ཚན་གྱིས་མཉམ་དུ་ལོ་ལྟར་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་གཉེར་གྱི་ཡོད་པ་དང་། ལོ་བཞིའི་རིང་། རྒྱལ་ཡོངས་ཀྱིས་ཁྱོན་སྨན་དོན་མི་སྣ་ཁྲི་300ཙམ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་རྟེན་གཞི་རྙིང་པ་དང་། ས་ཁུལ་དབུལ་པོ། གྲངས་ཉུང་མི་རིགས་ས་ཁུལ་བཅས་ཀྱི་ནད་པ་དང་མང་ཚོགས་ཁྲི་6000ཙམ་ལ་འོས་འགན་སྨན་བཅོས་བྱས་ཡོད་པ་རེད།