མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཀྱི་ཧོང་ཆུན་སོགས་བློ་མཐུན་3དཔའ་ཉམས་
ལྡན་པའི་ངང་སྐུ་གཤེགས་པར་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་འདི་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་18པ“དབུན་པི་ཡ”ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་ཐོན་ནས་དེའི་གནོད་འཚེ་ཕོག་པས་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་ཞིབ་འཇུག་སུའོ་ཨང་760རུ་ཁ་བཀག་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་ལས་སྟེགས་ཤིག་ལ་ཉེན་ཁའི་གནས་ཚུལ་ཚབས་ཆེན་འཕྲད་ཡོད་པ་རེད། ཉེན་ཁ་ཚབས་ཆེན་དང་འགག་རྩའི་སྐབས་སུ་ཞིབ་འཇུག་སུའོ་ཨང་760ཡི་ཏང་ཨུད་ཀྱི་ཨུ་ཡོན་སུའོ་ཀྲང་གཞོན་པ་ཧོང་ཆུན་གྱིས་བློ་མཐུན་11ལས་གྲུབ་པའི་མྱུར་སྐྱོབ་རུ་ཁག་གི་སྣེ་ཁྲིད་དེ་ཚོད་ལྟའི་ལས་སྟེགས་སུ་ལས་སྒྲུབ་བརྟན་པོ་བྱས་པ་རེད། ལས་སྒྲུབ་བྱེད་རིང་བློ་མཐུན་ཧོང་ཆུན་དང་། སུང་གཡོད་ཚའེ། ཅང་ཁའེ་པིན་བཅས་རྦ་རླབས་དྲག་པོ་བརྒྱབ་པའི་རྐྱེན་གྱིས་རྒྱ་མཚོའི་ནང་ལྷུངས་ནས་དཔའ་ངར་ཆེན་པོས་སྐུ་གཤེགས་པ་རེད།
             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གནས་ཚུལ་མཁྱེན་རྟོགས་བྱུང་རྗེས། ཧོང་ཆུན་སོགས་བློ་མཐུན་3དཔའ་ཉམས་ལྡན་པའི་ངང་སྐུ་གཤེགས་པར་མཛུབ་སྟོན་གལ་ཆེན་གནང་ནས། བློ་མཐུན་ཧོང་ཆུན་དང་། སུང་གཡོད་ཚའེ། ཅང་ཁའེ་པིན་བཅས་ཀྱིས་རྒྱ་མཚོའི་རླུང་འཚུབ་དང་རྦ་རླབས་དྲག་པོའི་མདུན་དུ་དཔའ་ངར་ཆེར་སྐྱེད་ཀྱིས་དོན་པ་དང་། དཔའ་ངར་ཞུམ་མེད་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་ལས་སྟེགས་སྲུང་སྐྱོང་བྱ་ཆེད་དཔའ་ཉམས་ལྡན་པའི་ངང་སྐུ་གཤེགས་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱིས་ཏང་ལ་ལྷག་བསམ་རྣམ་དག་དང་། རང་འགན་གཙང་སྒྲུབ། ཤི་རྒྱུར་མི་སྐྲག་པ་བཅས་ཀྱི་གཤིས་རྒྱུད་བཟང་པོ་གསལ་བཤད་བྱས་པ་དང་། རྩ་ཆེའི་ཚེ་སྲོག་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱིས“དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་ལེགས་སྐྱེས་འབུལ་རྒྱུར་གྲ་སྒྲིག་བྱེད་པའི”ཐོག་མའི་བསམ་འདུན་དང་དམ་བཅའ་ལག་བསྟར་བྱས་ཡོད། ཁོང་ཚོ་ནི་གུང་ཁྲན་ཏང་ཡོན་གྱི་ཕུལ་བྱུང་འཐུས་མི་དང་དུས་རབས་ཀྱི་མིག་དཔེ་ཞིག་རེད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཧོང་ཆུན་དང་། སུང་གཡོད་ཚའེ། ཅང་ཁའེ་པིན་བཅས་མིག་དཔེར་འཛིན་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རང་འགན་གཙང་སྒྲུབ་ཀྱིས་ཏང་ལ་ལེགས་སྐྱེས་འབུལ་བ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།