མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་4ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་5ཡི་རིང་། ང་དང་སྐུ་ཞབས་ཙུང་ཐུང་ཞལ་འཛོམས་ཐེངས་3བྱུང་བ་དང་ཀྲུང་ཁེན་འབྲེལ་བའི་ངེས་གནས་མཉམ་དུ་ཐེངས་གཉིས་མཐོ་རུ་བཏང་བ་ཡིན། ཀྲུང་ཁེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་ཀྲུང་ཧྥེ་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ་ཕྱོགས་དང་མཉམ་དུ་ཏང་དབར་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན། ཐོན་ནུས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ས་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཁེན་ནི་ཡར་རོགས་རམ་བྱས་ནས“འཕེལ་རྒྱས་ཀྱི་དམིགས་ཚད་ཆེན་པོ་བཞི”མངོན་འགྱུར་བྱེད་འདོད་ཡོད་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཁེན་ནི་ཡ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ནང་ཞུགས་རྒྱུར་དགའ་བསུ་ཞུ་བ་དང་འབྲེལ་ཁེན་ནི་ཡ་ཕྱོགས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་བདེ་བླག་ངང་ཞུགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁེན་ནི་ཡར་རྒྱབ་སྐྱོར་བྱས་ཏེ་ལྕགས་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་དང་བཟོ་ལས་གླིང་ཁུལ་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།