མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་རྟེན་
འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་10ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་སྐབས་ཉི་ཤུ་པའི་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
        ཞི་ཅིན་ཕིང་གིས་ལོ་20ལྷག་ཙམ་རིང་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུས་ཕྱོགས་གཉིས་ཀྱི་མ་འཇོག་སྐུལ་སྤེལ་དང་། དབང་གྲགས་ཆ་འཕྲིན་ཡོངས་བསྒྲགས། མ་འཇོག་གི་འཕེལ་ཕྱོགས་བགྲོ་གླེང་བཅས་ཀྱི་ལས་སྟེགས་ཆེན་པོ་གསུམ་གཏོད་རྒྱུར་གཞོལ་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་མ་འཇོག་གི་ཚོགས་འདུ་གཟབ་རྒྱས་ཀྱི་གྲས་ཤིག་ཏུ་འཕེལ་རྒྱས་བྱུང་བ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
        ཞི་ཅིན་ཕིང་གིས་འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་གཏོང་རྒྱུ་ཡིན་པས་རེ་བར་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཕྱོགས་གཉིས་ཀྱི་མ་འཇོག་སྐུལ་སྤེལ་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ་ལས་དོན་ཞིབ་ཚགས་སྤེལ་ནས་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། སྤུས་རྟགས་ཅན་བཅས་ཀྱི་སྤུས་དག་བཏོད་དེ་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་སྟེགས་གཙོ་བོ་ཞིག་ཏུ་གྱུར་བ་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་དང་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།