མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཁག་གཅིག་བྱང་བུ་བཀལ་ནས་
བསྒྲུབ་རྒྱུར་ལྟ་སྐྲུལ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་བདེ་པུའུ་དང་མཉམ་འབྲེལ་ཐོག་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཁག་གཅིག་ལ་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།
         གོང་ཚེས་ཉིན། མ་ལེ་ཞི་ཡ་ནས་ཕྱིར་ལོག་བཏང་བའི་གྱོད་འབྲེལ་ཉེས་གསོག་དོགས་ཅན་117ཟིན་པའི“4.30”ཡི་ས་ཁོངས་སྒྲོལ་བའི་གློག་འཕྲིན་ཁ་བསླུས་གྱོད་གཞི་ཆེས་ཚབས་ཆེན་དང་ཧྲན་ཏུང་སློབ་མ་ཞུས་ཡུས་ཡུས་མགོ་སྐོར་ཐེབས་ནས་ཤི་བའི་གྱོད་གཞི་སོགས་ཉེ་དུས་ཐོན་པའི་གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ཚབས་ཆེན་གྱི་གྱོད་གཞི་གསར་པ་5ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུའི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་གཅིག་སྡུད་ངང་དབྱེ་ཞིབ་དང་བརྟག་ཞིབ་བྱས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་མྱུལ་ཞིབ་ལྟ་སྐུལ་ཐིང་དང་། གཞུང་ཕྱོགས་གཏུག་བཤེར་ཐིང་། སྤྱི་བདེ་པུའི་ཉེས་དོན་མྱུལ་ཞིབ་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་དཔེ་མཚོན་གྱོད་གཞི་ཚབས་ཆེན་5སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་ལས་ཁུངས་ཀྱི་མྱུལ་ཞིབ་ལྟ་སྐུལ་སྡེ་ཚན་གྱི་འགན་འཁུར་བ་དང་གྱོད་གཞི་སྒྲུབ་མཁན་གྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་དཔེ་མཚོན་གྱོད་གཞིའི་ཁྱད་ཆོས་དང་ཆོས་ཉིད་ལ་དབྱེ་ཞིབ་བྱས་པ་བརྒྱུད། གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པའི་དཔང་རྟགས་གཏན་འཁེལ་དང་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས་སོགས་ཀྱི་གནད་དོན་ལ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་བདེ་པུའི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱ་སྤྱོད་གསུམ་སྤེལ་རྒྱུ་ཡིན་པ་སྟེ། གཅིག་ནི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཁག་གཅིག་ལ་མཉམ་འབྲེལ་ཐོག་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་དང་། གཉིས་ནི་གློག་འཕྲིན་དང་དྲ་རྒྱའི་ཉེས་གསོག་གྱོད་གཞི་སྒྲུབ་གཉེར་གྱི་སྟོན་ཕྱོགས་མཉམ་འབྲེལ་ཐོག་བཟོས་ཏེ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་སྔ་ཙམ་ཡོངས་བསྒྲགས་བྱ་རྒྱུ། གསུམ་ནི་གཙོ་གནད་བཅོས་སྒྲིག་ས་ཁུལ་7གྱི་ས་གནས་ས་ཐོག་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་འདུ་མཉམ་འབྲེལ་ཐོག་འཚོགས་ནས་ནུས་ཤུགས་མཉམ་འདོན་གྱིས་གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པ་ཐོན་མང་བའི་འཕེལ་ཕྱོགས་གཏན་འགོག་བྱ་རྒྱུ་བཅས་རེད།