མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་དབུལ་སྐྱོར་གླེང་སྟེགས་སྐབས་དང་པོ་ཀན་སུའུ་ཏིང་ཤིས་སུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་ཀྲུང་གོའི་དབུལ་སྐྱོར་གླེང་སྟེགས་སྐབས་དང་པོ་ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་དུ་གཉེར་ཞིང་། གླེང་སྟེགས་དེ་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་མཉམ་འབྲེལ་ཐོག་མཛུབ་ཁྲིད་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་《ཀྲུང་གོའི་དཔལ་འབྱོར་གཟའ་འཁོར་རེའི་དུས་དེབ་》ཀྱིས་གཙོ་གཉེར་བྱས་པ། ཏིང་ཤིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཉེར་འགན་ཁུར་བ་བཅས་རེད། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་པའི་ཆབ་སྲིད་དང་། ཚོང་དོན། སློབ་གསོ་བཅས་ལས་རིགས་ཀྱི་འཐུས་མི་300ལྷག་ཙམ་གྱིས“གནད་སྨིན་དབུལ་སྐྱོར་དང་ཕྱོགས་ཡོངས་འབྱོར་འབྲིང”གི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་ཐབས་འདོན་ཇུས་འགོད་བྱས་ཐོག་རྒྱལ་ཁབ་ཀྱི་འདོད་འདུན་དང་འཚམ་པའི་དབུལ་སྐྱོར་འཐབ་ཇུས་དང་ཐག་གཅོད་བྱེད་ཐབས་མཉམ་དུ་གྲོས་བསྡུར་བྱས་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲོའུ་ཐེ་ནུང་གིས་གླེང་སྟེགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲི་ཀྲང་གཞོན་པ་ཀྲང་ཅན་ཤིན་དང་ཏིང་ཤིས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལིང་ཕིང་གིས་དགའ་བསུའི་ཤིས་ཚིག་གསུངས་པ། ཀན་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་ལིན་ཏུའོ་ཡིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་བཅས་རེད། གླེང་སྟེགས་ཐོག་མཐོ་རིམ་བགྲོ་གླེང་ཐེངས་གསུམ་བྱ་རྒྱུ་ཡིན་པ་དེ་དག་ནི“སྲིད་ཇུས་ཀྱི་འདེགས་སྐྱོར་ཏེ། དབུལ་སྐྱོར་སྲིད་ཇུས་ལ་དེ་བས་སྟོབས་ཤུགས་སྣོན་པ”དང་། “རིགས་པའི་གཞུང་ལུགས་གསར་གཏོད་དེ། གནད་སྨིན་དབུལ་སྐྱོར་གྱི་ལམ་ལུགས་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར”“ལག་ལེན་འཚོལ་ཞིབ་་སྟེ། ཁེ་ལས་དབུལ་སྐྱོར་གྱིས་ཇི་ལྟར་བྱས་ཏེ་ཕུགས་ཕན་དང་ཁེ་ཕན་ཐོབ་མང་བའི་རྣམ་པ་ཆགས་པ་བྱེད་པ”བཅས་བརྗོད་བྱ་གཙོ་བོར་བྱས་ནས་ཚོགས་ཞུགས་སྐུ་མགྲོན་ལ་བསམ་བློ་དང་བློ་གྲོས་སྤེལ་རེས་ཀྱི་ལས་སྟེགས་ཤིག་མཁོ་འདོན་བྱ་རྒྱུ་རེད།
         ལིན་ཏུའོ་ཡིས་གླེང་སྟེགས་འགོ་འཛུགས་མཛད་སྒོའི་ཐོག་ད་ཕན་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་པའི་དམར་ཐིག་དེ་ཁོང་དུ་བརྟན་པོ་ཆུད་དེ་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་དམ་བཟུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བྱེད་ཐབས་ཡག་པོ་བཏོན་ཡོད། ཀན་སུའུ་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རིམ་རྩིས་བརྒྱབ་ན་དབུལ་པོ་མི་ཁྲི་553.5ཉུང་དུ་བཏང་བར་ཆ་སྙོམས་ལོ་རེར་དབུལ་པོ་ཁྲི་100ཡན་ཉུང་དུ་སོང་ཡོད། སླད་ཕྱིན་ཀན་སུའུ་ཡིས་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་མུ་མཐུད་འབྲེལ་མཐུད་ཡག་པོ་བྱས་ནས་སྤྱི་ཚོགས་སྟོབས་ཤུགས་དེ་བས་མང་བ་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་སློང་དང་སྐུལ་མ་བཏང་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཆུ་ཚད་དང་འགན་ལེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད་ཅེས་བསྟན་གནང་བ་རེད།