མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"ལོ་ལྔ་ཚན་བཅུ་གསུམ་པའི"རིང་རང་རྒྱལ་གྱིས་ནགས་ལས་ཚན་རྩལ་ལས་གྲྭ་ཆེན་པོ་བཅུ་
གཙོ་གནད་ཐོག་བསྒྲུབ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་རྒྱལ་ཁབ་ནགས་ལས་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱིས་ནགས་ལས་ཚན་རྩལ་ལས་གྲྭ་ཆེ་གྲས་བཅུ་གཙོ་གནད་ཐོག་བསྒྲུབས་ནས་ནགས་ལས་ཚན་རྩལ་གྱི་སྟོབས་ཤུགས་ཧྲིལ་པོ་ཆེ་རུ་གཏོང་རྒྱུ་ཡིན་པ་སྟེ།
         —— ནགས་ལས་སོན་ལས་ཚན་རྩལ་ལས་གྲྭ ལྕང་སོན་ཐོན་ཁུངས་གཙོ་གནད་ཐོག་ཉར་ཚགས་དང་གདེང་འཇོག་བྱས་ནས་འདེབས་གསོ་ཞིབ་འཇུག་དང་སྣ་ཁ་གསར་པའི་སོན་བཟང་ཅན་སྤྱོད་ཚད་མགྱོགས་སུ་གཏོང་རྒྱུ་དང་།
         —— ནགས་ལས་སྣོད་བཅུད་འཛུགས་སྐྱོང་གི་ཚན་རྩལ་ལས་གྲྭ རང་བྱུང་ནགས་ཚལ་གསོ་སྤེལ་དང་སླར་གསོ། འདམ་ར་གཙོ་བོ་སྲུང་སྐྱོང་དང་སླར་གསོ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུ།
         —— ནགས་ཚལ་ཐོན་ཁུངས་གསོ་སྐྱོང་ནུས་ལྡན་དང་སྤུས་ཚད་གནད་སྨིན་མཐོར་གཏོང་གི་ཚན་རྩལ་ལས་གྲྭ མྱུར་འཚར་རྒྱུ་ཆའི་ཤིང་ནགས་དང་། ནགས་ལས་ཁྱད་ལྡན་ཐོན་ཁུངས་ནུས་ཆེའི་གསོ་སྐྱོང་དང་དེ་བཞིན་རྒྱལ་ཁབ་གསོག་འཇོག་ནགས་འཛུགས་སྐྱོང་། ནགས་ཚལ་གྱི་སྤུས་ཚད་གནད་སྨིན་མཐོར་གཏོང་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུ།
         —— ནགས་ལས་ཐོན་ལས་རིམ་སྤོར་ཕྱོགས་སྒྱུར་གྱི་ཚན་རྩལ་ལས་གྲྭ ཤིང་སྨྱུག་ནུས་ལྡན་ལས་སྣོན་བེད་སྤྱོད་དང་། ནགས་ལས་སྐྱེ་དངོས་ནུས་རྒྱུ་དང་རྒྱུ་ཆ་གསར་སྤེལ། ནགས་ཚལ་ཡུལ་སྐོར་དང་སྤྲོ་གསེང་ལུས་གསོའི་ཐོན་ལས་འཕེལ་རྒྱས་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཞིབ་འཇུག་དང་དཔེ་སྟོན་བྱ་རྒྱུ།
         —— ནགས་ལས་སྒྲིག་བཀོད་དང་ཆ་འཕྲིན་ཅན་གྱི་ཚན་རྩལ་ལས་གྲྭ ནགས་ལས་སྒྲིག་ཆས་དང་ནགས་ལས་ཆ་འཕྲིན་ཅན་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཞིབ་འཇུག་བྱས་ནས་ནགས་ལས་དེང་རབས་ཅན་དུ་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ།
         —— ནགས་ལས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ཁྱབ་གདལ་གྱི་ལས་གྲྭ ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དཔེ་སྟོན་བྱ་སྤྱོད་དང་། གནད་སྨིན་དབུལ་སྐྱོར་གྱི་དམངས་ཕྱུག་བྱ་སྤྱོད། ཚན་རྩལ་ཞབས་ཞུའི་བྱ་སྤྱོད་སོགས་གཙོ་གནད་ཐོག་བསྒྲུབས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཁྱབ་གདལ་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
         —— ནགས་ལས་ཚད་ལྡན་ཅན་མཐོར་གཏོང་ལས་གྲྭ ཚད་ལྡན་ལག་བསྟར་གྱི་དཔེ་སྟོན་བྱ་སྤྱོད་དང་ནགས་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་སོགས་གཙོ་གནད་ཐོག་བསྒྲུབས་ཏེ་ནགས་ལས་ཚད་ལྡན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ།
         —— ནགས་ལས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་གྲྭ གཙོ་གནད་ཐོག་ནགས་ལས་རྩི་ཤིང་གི་ས་བོན་གསར་པ་སྲུང་སྐྱོང་དང་ནགས་ལས་སྐྱེ་དངོས་རྒྱུན་འཛིན་ཐོན་ཁུངས་སྲུང་སྐྱོང་སོགས་ལས་དོན་སྤེལ་ཏེ་ནགས་ལས་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་མ་ལག་གཏོད་རྒྱུ།
         —— ནགས་ལས་ཚན་རྩལ་ཆ་རྐྱེན་གྱི་ལས་སྟེགས་བསྐྲུན་པའི་ལས་གྲྭ གསར་གཏོད་དང་། གཞན་སྒྱུར། ཞབས་ཞུ་བཅས་རིགས་གསུམ་གྱི་ཚན་རྩལ་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྱི་རྨང་གཞིའི་ཆ་རྐྱེན་དང་ནུས་པ་ཆེ་རུ་གཏོང་བ་དང་ནགས་ལས་ཚན་རྩལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་འགན་ལེན་བྱ་རྒྱུ།
         —— དེང་རབས་ནགས་ལས་བཅོས་སྐྱོང་མ་ལག་གི་འདེགས་སྐྱོར་ལས་གྲྭ ནགས་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། རིགས་པའི་གཞུང་ལུགས། སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ། ལམ་ལུགས་མ་ལག་བཅས་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ལས་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།