མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་གི་སློབ་གཞིའི་ནང་གི"ལོ་བརྒྱད་ཀྱི་རི་འགོག་དམག་འཁྲུག"
ཅེས་པ་དེ"ལོ་བཅུ་བཞི་ཡི་རི་འགོག་དམག་འཁྲུག"ལ་བསྒྱུར་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རི་འགོག་དམག་འཁྲུག་དང་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཛམ་གླིང་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་ལག་བསྟར་བྱས་ཏེ། རྒྱལ་གཅེས་རིང་ལུགས་སློབ་གསོར་ཤུགས་སྣོན་རྒྱག་ཆེད། སློབ་གསོ་པུས་ལོ་རྒྱུས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་ཞིབ་འཇུག་ནན་ཏན་བྱས་པ་དང་སློབ་གཞི་བཟོ་བཅོས་ལས་ཀར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཉིན་ཤས་གོང་རྨང་གཞིའི་སློབ་གསོ་སི་གཉིས་པས་ཆེད་མངགས་བརྡ་ཐོ་བཏང་སྟེ་སློབ་གྲྭ་འབྲིང་ཆུང་གི་ས་གནས་ཀྱི་སློབ་གཞི་བཟོ་བཅོས་རྒྱག་རྒྱུར་བླང་བྱ་བཏོན་པ་རེད།
       སློབ་གཞི་བཟོ་བཅོས་ཐད་ལོ་8རི་འགོག་དམག་འཁྲུག་ཅེས་པ་ཚང་མ་ལོ་14ཡི་རི་འགོག་དམག་འཁྲུག་ལ་བསྒྱུར་ཏེ་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་སྡིག་ཉེས་དམར་རྗེན་དུ་བཏོན་ནས་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་རྗེས་ཀྱི་ལོ་14ཡི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་དེ་རྒྱབ་མདུན་སྦྲེལ་བའི་བརྒྱུད་རིམ་ཧྲིལ་པོ་ཡིན་པའི་ནན་བཤད་བྱས་ནས། སློབ་གཞིའི་ནང་གོ་རིམ་ལྡན་པ་དང་ཡང་དག་པའི་ངང་མངོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      སློབ་གཞི་བཟོ་བཅོས་ཐད་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་ལོ་རིམ་ཚང་མ་དང་། འབྲེལ་ཡོད་རིག་ཚན་ཁག རྒྱལ་ཁབ་ཀྱི་སློབ་ཚན་དང་ས་གནས་ཀྱི་སློབ་ཚན་གྱི་སློབ་གཞི་ཚང་མར་ཁྱབ་པ་བྱེད་དགོས་པ་དང་། རི་འགོག་དམག་འཁྲུག་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཀ་རྟེན་ལྟ་བུའི་ནུས་པ་ཁྱོན་ཡོངས་ནས་མངོན་དགོས་པ། ཀྲུང་གོའི་འཐབ་ས་ནི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཛམ་གླིང་གི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པ་ནན་བཤད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱིས་གཏུམ་སྤྱོད་ལ་དཔའ་མི་ཞུམ་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་མངོན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      སློབ་གསོ་པུས་2017ལོའི་དཔྱིད་དུས་ཀྱི་སློབ་གཞིའི་ནང་ལོ་14ཡི་རི་འགོག་དམག་འཁྲུག་གི་གོ་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།