མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣར་གཟིགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣར་གཟིགས་པ།

          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16དང་17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣར་གཟིགས་པ་དང་ཁོང་ཚོར་ཟོལ་མེད་ངང་དུས་ཆེན་གྱི་འཚམས་འདྲི་གནང་ཁར་རྒྱ་ཆེའི་རིག་གནས་ལས་དོན་པར་དཔྱིད་གསར་གྱི་སྨོན་འདུན་ཡང་ཞུས་པ་རེད།
         དང་ཐོག་ལིའུ་ཡུན་ཧྲན་ཀྲུང་གོ་མི་དམངས་སློབ་ཆེན་ཆིང་རྒྱལ་རབས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་མཚན་འཛིན་སུའོ་ཀྲང་ཆིང་རྒྱལ་རབས་ཀྱི་རིགས་གཅིག་མཁས་ཅན་གྲགས་ཅན་ཏའེ་དབྱི་ཡི་ཁྱིམ་དུ་ཕེབས་ནས་ཁོང་གི་གཟུགས་པོ་དང་། འཚོ་བ། ལས་ཀ་བཅས་ཀྱི་གནས་ཚུལ་ལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་། ཏའེ་དབྱི་ཡིས་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་གྱི་གྲུབ་འབྲས་དང་མྱོང་ཚོར་ངོ་སྤྲོད་གནང་བ་དང་། ལོ་རྒྱུས་རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་དར་མ་དང་གཞོན་ནུའི་ལོ་རྒྱུས་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལོ་རྒྱུས་རིག་པའི་བློ་འདྲིའི་མི་སྣ་གསོ་སྐྱོང་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་དེ་སྔའི་རྒྱུན་ལས་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གྲགས་ཅན་གསར་འགོད་པ་ལུའོ་ཁའེ་ཧྥུའུ་ལ་གཟིགས་སྐབས་ཁོང་གིས་རྐང་ཐང་མར་དམར་དམག་རྒྱང་སྐྱོད་ཀྱི་བཅར་འདྲིའི་མྱོང་རིམ་དང་མྱོང་ཚོར་གསུངས་པ་དག་ལིའུ་ཡུན་ཧྲན་གྱིས་ནན་ཏན་ངང་གསན་པ་དང་གསར་འགྱུར་ལས་དོན་པས་གཞི་རིམ་དང་འཐབ་ས་དང་པོར་མང་ཙམ་བསྐྱོད་དེ“བསྐྱོད་སྒྱུར་བཅོས”གསུམ་གཏིང་ཟབ་ཏུ་གཏོང་བ་དང་དྲང་ནུས་ཁྱབ་སྤེལ་གཏོང་དགོས་པའི་རེ་བ་བཏོན་གནང་ཡོད། གྲགས་ཅན་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཡུས་ལན་གྱི་ཁྱིམ་དུ་ལིའུ་ཡུན་ཧྲན་གྱིས་ཡོལ་དཀར་ཐོག་མངོན་པའི་ཡུས་ལན་གྱི་དཔའ་བོའི་མིག་དཔེའི་གཟུགས་བརྙན་གྱིས་མི་རབས་མང་པོའི་ཡིད་དབང་བཀུག་ཁར་ཤུགས་རྐྱེན་ཡང་བཟང་པོ་ཐེབས་པས་ཁོང་གིས་བྱིས་པའི་གློག་བརྙན་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་གནང་ཁར་སྒྱུ་རྩལ་པ་རྒན་རབས་ཚོས་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་གནང་ཡོད། ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་གྲགས་ཅན་སྣུམ་ཚོན་རི་མོ་མཁས་ཅན་ཀྲན་ཅན་ཅུན་ལ་གཟིགས་སྐབས། ལིའུ་ཡུན་ཧྲན་གྱིས་ཁོང་གིས་ཀྲུང་གོའི་སྣུམ་ཚོན་རི་མོའི་གསར་རྩོམ་ཐད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་ཁར། རང་རྒྱལ་གྱི་མཛེས་རྩལ་བྱ་གཞག་འཕེལ་རྒྱས་སྐོར་སྤེལ་རེས་ཀྱང་གནང་བ་རེད།
       སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་། ཁོང་ཚོས་རླབས་ཆེན་དུས་རབས་སྤྲོ་བས་མཐོང་བ་དང་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བའི་དུས་ལ་བབ་ཡོད་ཅེས་བརྗོད་པ་རེད།

༄༅།།ལིའུ་ཡུན་ཧྲན་གྱིས་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣར་གཟིགས་པ།
༄༅།།ལིའུ་ཡུན་ཧྲན་གྱིས་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣར་གཟིགས་པ།
༄༅།།ལིའུ་ཡུན་ཧྲན་གྱིས་རིག་གནས་ལས་རིགས་ཀྱི་གྲགས་ཅན་མི་སྣར་གཟིགས་པ།