མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“ཚན་རྩལ་འོད་སྣང”གི་གཞོན་ནུ་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པས་ཅི་
ལིན་ནུང་ཨན་དུ་དབུལ་སྐྱོར་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན“ཚན་རྩལ་འོད་སྣང”གི་གཞོན་ནུ་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པ་ཅི་ལིན་ཞིང་ཆེན་ནུང་ཨན་རྫོང་དུ་དབུལ་སྐྱོར་བྱེད་སྒོ་སྤེལ་བར་བསྐྱོད་ནས་ནུང་ཨན་རྫོང་གི་སློབ་གྲྭ་82ལ་རིན་གོང་སྒོར་ཁྲི་2460རི་བའི་སྤྲིན་ཚོགས་སློབ་གྲྭའི་བློ་རིག་སློབ་གསོའི་སྤྲིན་ཚོགས་ལས་སྟེགས་ཞལ་འདེབས་ཕུལ་ནས་ཆ་སྒྲིག་རོགས་སྐྱོར་དང་། ལག་རྩལ་ཞབས་ཞུ། འོས་འགན་སྨན་བཅོས། ཚན་རིག་ཁྱབ་གདལ་འཆད་ཁྲིད་སོགས་བྱེད་སྒོ་སྤེལ་བ་དེ་ནུང་ཨན་གྱི་གཞོན་ནུ་ལོ་ཆུང་ཁྲི་10ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
       གཞན་ཡང་ཞབས་ཞུ་ཚོགས་པས་ད་དུང“འབད་འཐབ་ཀྱི་ལང་ཚོ་མཛེས་ཤོས་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་སྙན་ཞུའི་ཚོགས་འདུ་འཚོགས་ནས་ས་ཆ་དེ་རང་དུ་ཁྲང་ཁྲུན་ནུང་ཨན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙོ་གནད་རྣམ་གྲངས་དང་དེ་བཞིན་རྫོང་གྲོང་ལྷོ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་འཛུགས་སྐྲུན་བྱ་ཚུལ་ཐད་རྟོག་ཞིབ་བྱས་པ་དང་ནུང་ཨན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་གཞོན་ནུའི་ལས་གཏོད་གསར་གཏོད་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། ནུང་ཨན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐབས་དང་ནུས་ཤུགས་བཏོན་ཡོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཚན་རྩལ་འོད་སྣང”གི་གཞོན་ནུ་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པ་དེ་ཀྲུང་གོ་གཞོན་ནུ་ཚན་རྩལ་ལས་དོན་པའི་མཐུན་ཚོགས་དང་ཅི་ལིན་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཁྲང་ཁྲུན་གྲོང་ཁྱེར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་། ནུང་ཨན་རྫོང་ཨུད་དང་། རྫོང་སྲིད་གཞུང་གིས་གཉེར་འགན་འཁུར་བ་ཞིག་ཡིན། གཞོན་ནུ་ཚན་རྩལ་རིགས་གཅིག་མཁས་ཅན་80ལྷག་ཙམ་ཞབས་ཞུའི་བྱེད་སྒོར་ཞུགས་ཡོད་པ་རེད།