མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2016ལོར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་
ལེགས་གྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དཔལ་འབྱོར་སྒྲིག་གཞི་ཕྱོགས་བསྡུས་སྒྱུར་བཅོས་སིའི་སི་ཀྲང་ཞུས་ཧྲན་ཁྲང་གིས་2016ལོར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ཡོངས་སུ་ལེགས་སྒྲུབ་བྱས་ཟིན་ཞེས་བཤད་པ་རེད།
      ཞུས་ཧྲན་ཁྲང་གིས་དེ་ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་ཆ་ཕྱོགས་གསུམ་པའི་ཚོད་སྐོར་སྒྲིག་གཞི་གདན་དྲངས་ནས་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ལ་ཚོད་སྐོར་བྱས་ཏེ་དེ་འབྲེལ་གྱི་ཚོད་སྐོར་སྙན་ཞུ་གང་མགྱོགས་གོང་འབུལ་ཞུ་རྒྱུ་དང་འབྲེལ། དུས་ཚོད་གང་འཚམ་ནང་སྤྱི་ཚོགས་ལ་བརྡ་ཁྱབ་གཏོང་རྒྱུ་ཡིན་ཞེས་བཤད།
      2016ལོར་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་རྒྱུན་བསྲིང་གཏིང་ཟབ་ངང་བྱས་ཤིང་། ས་གནས་ཀྱི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ནང་བོད་ལྗོངས་དང་། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཕུད་དེ་བྱིངས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་ཚང་མ་ལེགས་གྲུབ་ཟིན་ནས་ཞིང་ཆེན་26ལ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་བྱས་ཟིན་པ་དང་ཞིང་ཆེན་20ཙམ་ལ་རྫོང་རིམ་པའི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་བྱས་ཟིན་པ་རེད།
     ཁོང་གིས་ངོ་སྤྲོད་བྱས་པར། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་བྱ་གཞག་ཚན་པ་11གི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ཇུས་གཞིར་ཞིབ་བཤེར་བྱས་ནས་མཆན་འགོད་བཀའ་ལན་འགོད་ཉེར་ཡོད་པ་དང་། ཀྲུང་དབྱང་གི་སྡེ་ཚན་ཁག་ཏུ་གཏོགས་པའི་བྱ་གཞག་ཚན་པའི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ལས་དོན་ལ་སྐུལ་མ་བདེ་བླག་བྱུང་བ་དང་སྡེ་ཚན་ཕལ་ཆེ་བའི་ཁོངས་གཏོགས་བྱ་གཞག་ཚན་པའི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ཇུས་གཞི་གོང་འབུལ་ཞུས་ནས་ཞིབ་འཇུག་གིས་མཆན་འགོད་བཀའ་ལན་སྒུག་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་ཀྲུང་དབྱང་ཁེ་ལས་ཀྱི་གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ཇུས་གཞི་ཚང་མར་མཆན་འགོད་བཀའ་ལན་བཀོད་པར་ཀྲུང་དབྱང་ཐད་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་105ཡོད་ཅེས་བཤད།