མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་
བའི་པར་རིས་འགྲེམས་སྟོན་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་01ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན། “པར་ཆས་ནང་གི་མི་དམངས་དམག་དཔུང”——ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་པར་རིས་འགྲེམས་སྟོན་ཀྲུང་ཧྭ་དུས་རབས་གླེང་སྟེགས་ཀྲུང་གོ་པར་རིས་འགྲེམས་ཁང་དུ་བྱེད་འགོ་ཚུགས་པ་རེད། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་ཀྲུང་གོ་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་པར་རིས་འགྲེམས་སྟོན་དེའི་དམིགས་ཡུལ་ནི་མི་དམངས་དམག་དཔུང་གི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་དམག་མིའི་ཉམས་འགྱུར་དང་ལྷག་པར་དུ་དུས་སྐབས་གསར་པའི་རྒྱལ་ཁབ་ཆེན་པོའི་གདེང་ཚོད་ཆེ་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱ་རྒྱུ་རེད།
     ད་རེས་ཀྱི་པར་རིས་འགྲེམས་སྟོན་ནང་རྔམ་བརྗིད་ལྡན་པའི་དམག་ཧྲག་གོ་ཧྲག་གི་རི་མོ་ཡོད་ལ་དགའ་སྐྱོ་གཉིས་ལྡན་གྱི་མི་སེམས་འགུལ་བའི་དུམ་བུའང་ཡོད་པ་དང་། ཀྲུང་གོའི་དམག་དོན་གྱི་པར་ལེན་གྱི་གྲགས་ཅན་བརྩམས་ཆོས་ཡོད་ལ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པའི་དམར་དམག་དུས་སྐབས་དང་རི་འགོག་དམག་འཁྲུག་དུས་སྐབས་ཀྱི་ཡིག་ཚགས་པར་རིས་ཀྱང་ཡོད་པ། མི་དམངས་དམག་དཔུང་གསར་པ་འཛུགས་སྐྱོང་བྱེད་པའི་ཁྲོད་ཀྱི་དམག་མིའི་ཉམས་འགྱུར་དེ་བས་ཀྱང་ཡོད་པ་རེད།