མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་30ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ལི་ཁེ་ཆང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་བ།

          རྟོག་ཞིབ་གནང་རིང་། ལི་ཁེ་ཆང་གིས་ཆེད་མངགས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རག་སྡིས། བྱམས་པ་ཕུན་ཚོགས། ལེགས་མཆོག པ་སངས་སོགས་བློ་མཐུན་རྒན་གྲས་ལ་འཚམས་འདྲི་ཞུས་ནས་ཁོང་ཚོས་བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་མེས་རྒྱལ་འཛུགས་སྐྲུན་ཐད་ཕུལ་བའི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད།
              ལི་ཁེ་ཆང་གིས་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་ཏེ་དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
          ཤའོ་ཅེ་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】