མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས་ཚན་
པ་3དང་མི་སྒེར་28ལ་བྱས་རྗེས་མཚན་སྙན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མིང་རྟགས་བཀོད་ནས་ཚན་པ་3དང་མི་སྒེར་28ལ་བྱས་རྗེས་མཚན་སྙན་གནང་བ་རེད།
         ལས་འགན་ལེགས་སྒྲུབ་བྱེད་པའི་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་དཔུང་སྡེ་92730པའི་ཡན་ལག་རུ་ཁག་90པར་བྱས་རྗེས་རིམ་པ་དང་པོ་སྤྲད་པ་དང་། ཚན་རིག་ཞིབ་འཇུག་གི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་རྒྱལ་སྲུང་ཚན་རིག་ལག་རྩལ་སློབ་ཆེན་རྩིས་འཁོར་སློབ་གླིང་རྩིས་འཁོར་ཞིབ་འཇུག་སུའོ་ལ་བྱས་རྗེས་རིམ་པ་དང་པོ་སྤྲད་པ། ཚན་པ་འཛུགས་སྐྲུན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་དཔུང་སྡེ་96167པར་བྱས་རྗེས་རིམ་པ་གཉིས་པ་སྤྲད་ཡོད།
         དཔུང་སྡེ་61786པའི་ཞིབ་འཇུག་པ་ལུའོ་ཞའོ་ཀོང་དང་། དཔུང་སྡེ་61886པའི་ཞིབ་འཇུག་པ་ཝང་ཀོ་ཀྲུང་། སྤྱི་ཁྱབ་ཚན་མོའུ་པུའུ་ཞིབ་འཇུག་སུའོ་ཞིག་གི་མཐོ་རིམ་བཟོ་བཀོད་པ་ཀྲོའུ་ཚའེ་ཀེན། ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་ཆ་འཕྲིན་ལག་རྩལ་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ཅིས་ཤིན་ཧྲེང་། 302སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། སྨན་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས། སྨན་པ་འབུམ་རམས་པ་བཅས་ཡིན་པའི་ལི་ཅིན། དམག་དོན་གསོ་རིག་ཚན་རིག་ཁང་ཞོར་གཏོགས་སྨན་ཁང་ཁྲག་བཟོའི་ཕྲ་ཕུང་སྤོ་འཛུགས་ཁོའོ་ཡི་ཀྲུའུ་རེན་སྨན་པ་འབུམ་རམས་པ་ཁྲེན་ཧུའུ། དཔུང་སྡེ་63729པའི་མཐོ་རིམ་བཟོ་བཀོད་པ་ཁྲུན་ཅིང་བཅས་ལ་བྱས་རྗེས་རིམ་པ་དང་པོ་སྤྲད་པ་དང་། མཚོ་དམག་མཁའ་འགྲུལ་བཟོ་སྐྲུན་སློབ་གླིང་གོ་མཚོན་ཚན་རིག་དང་ལག་རྩལ་ཚན་ཁག་གོ་མཚོན་སློབ་དཔྱོད་ཁང་གི་དེ་སྔའི་དགེ་རྒན་ཆེ་མོ་བ་མཱ་ཏེང་ཝུའུ་དང་། རྒྱལ་སྲུང་སློབ་ཆེན་གཡུལ་འགྱེད་དམག་འཛིང་མིག་མངས་རྒྱུད་ཁོངས་སློབ་དཔྱོད་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་གོ་ཁྲུན་ལ་རྗེས་གསབ་བྱ་དགའ་རིམ་པ་དང་པོ་སྤྲད་པ་རེད།
         ནན་ཅིང་སྐམ་དམག་བཀོད་འདོམས་སློབ་གླིང་དམག་དོན་སྦྱོང་བརྡར་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཧུའུ་ཅན་དང་། དམག་ཁོངས་གསོ་རིག་སློབ་གྲྭ་ཆེ་མོ་གསུམ་པའི་སྨན་རྫས་རིག་པའི་ཚན་ཁག་སྐྱེ་དངོས་ཕྲ་རབ་དང་སྐྱེ་དངོས་རྫས་འགྱུར་གྱི་སྨན་རྫས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཙོའུ་ཆོན་མིང་། དམག་ཁོངས་གསོ་རིག་སློབ་ཆེན་བཞི་པའི་ཞོར་གཏོགས་སྨན་ཁང་དང་པོའི་རུས་ནད་ཚན་ཁག་གི་ཀྲུའུ་རེན་དང་། སྨན་པ་འབུམ་རམས་པ། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ལུའོ་ཀྲུའོ་ཞིང་། དམག་དོན་གསོ་རིག་ཚན་རིག་སློབ་གླིང་གློག་པར་དང་འགྱེད་འཕྲོ་གསོ་རིག་ཞིབ་འཇུག་སུའོ་སྨན་ལུགས་དུག་ལུགས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཞིབ་འཇུག་པ་ཀའོ་གཡོད། མཚོ་དམག་བཟོ་སྐྲུན་སློབ་ཆེན་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་ཞིབ་འཇུག་སུའོ་ཞིག་གི་དགེ་རྒན་ཆེ་མོ་བ་ཧོ་ལིན། མཚོ་དམག་མཁའ་འགྲུལ་བཟོ་སྐྲུན་སློབ་གླིང་ཆ་འཕྲིན་མཉམ་འདྲེས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ཧོ་ཡིའུ་བཅས་ལ་བྱས་རྗེས་རིམ་པ་གཉིས་པ་གནང་བ་རེད།
         དཔུང་སྡེ་61081པའི་ཞིབ་འཇུག་པ་ཧན་ཁྲུན་ཧའོ་དང་། ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་དྲ་སྦྲེལ་བར་མཐོངས་བདེ་འཇགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲའོ་རུང་ཚའེ། ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་དྲ་སྦྲེལ་བར་མཐོངས་བདེ་འཇཌ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲུའུ་གཡོད་ཧྥེ། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་ཁོག་ནད་ཚན་ཁག་ནད་ཐོག་པུའི་སྨན་པ་འབུམ་རམས་པ་དགེ་རྒན་ཆེ་མོ་བ་དབྱང་མིན་ཧུའེ། རྒྱབ་ཕྱོགས་མཁོ་སྒྲུབ་བཟོ་སྐྲུན་སློབ་གླིང་དམག་དོན་ཨར་ལས་ལས་གྲྭ་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཁྲེང་ཧྭ། དམག་ཁོངས་གསོ་རིག་སློབ་ཆེན་གསུམ་པའི་ཞོར་གཏོགས་སྨན་ཁང་དང་པོའི་བརྟག་བཤེར་ཁོའོ་ཡི་ཀྲུའུ་རེན་དང་། སྨན་པ་འབུམ་རམས་པ། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཕུའུ་ཝུའེ་ལིན། དམག་དོན་གསོ་རིག་ཚན་རིག་ཁང་རྨང་གཞིའི་གསོ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཆན་ལིན་ཅ། མཚོ་དམག་སྒྲིག་ཆས་ཞིབ་འཇུག་ཁང་ཞིབ་འཇུག་སུའོ་ཞིག་གི་ཞིབ་འཇུག་པ་ཆིའུ་ཀྲེ་མིང་། མཚོ་དམག་བཟོ་སྐྲུན་ལག་རྩལ་དོ་དམ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་མཐོ་རིམ་བཟོ་བཀོད་པ་ལི་ཅུའེ་ལུང་། མཁའ་དམག་གསང་གནད་ཡིག་ཆ་ཞིབ་འཇུག་སུའོ་ཚན་རྩལ་ཁྲུའུ་ཡི་མཐོ་རིམ་བཟོ་བཀོད་པ་ཝང་ཅན་ཧྭ། མེ་སྒྱོགས་དམག་གཉིས་པའི་བཀོད་འདོམས་སློབ་གླིང་བཟོ་སྐྲུན་འགན་སྲུང་ཚན་ཁག་གཡུལ་ས་འགན་སྲུང་སློབ་དཔྱོད་ཁང་གི་དགེ་རྒན་ཆེ་མོ་བ་ཀྲང་ཅིན་ཁྲེང་། མེ་སྒྱོགས་དམག་གཉིས་པའི་སྒྲིག་ཆས་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཞིབ་འཇུག་པ་ཞའོ་ལུང་ཞུས། རྒྱལ་སྲུང་སློབ་ཆེན་ཆ་འཕྲིན་དམག་འཐབ་དང་བཀོད་འདོམས་སྦྱོང་བརྡར་སློབ་ཁྲིད་ཞིབ་འཇུག་པུའི་དགེ་རྒན་ཆེ་མོ་བ་ཧུའུ་ཞའོ་ཧྥུང་བཅས་ལ་བྱས་རྗེས་རིམ་པ་གསུམ་པ་གནང་བ་རེད།