མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོའི་ལྗང་མདོག་དབུལ་པོ་ཉུང་གཏོང་གི་
ཕན་འབྲས་མངོན་གསལ་དོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི“《ཀྲུང་གོའི་ལྗང་མདོག་དབུལ་པོ་ཉུང་གཏོང་གི་སྟོན་གྲངས་སྙན་ཞུ་(2016)》ཡོངས་བསྒྲགས་ཚོགས་འདུ་དང་ལྗང་མདོག་དབུལ་པོ་ཉུང་གཏོང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྐོར་གྱི་བགྲོ་གླེང་ཚོགས་འདུའི”ཐོག་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་ཀྲུང་གོའི་ལྗང་མདོག་དབུལ་པོ་ཉུང་གཏོང་གི་སྟོན་གྲངས་སྙན་ཞུའི་(2016)ཐོག་མངོན་པར་གཞིགས་ན། རང་རྒྱལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོའི་དབུལ་སྐྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་དབུལ་པོ་ཉུང་གཏོང་གི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
       ཀྲུང་གོ་ལྗང་མདོག་དབུལ་པོ་ཉུང་གཏོང་གི་སྟོན་གྲངས་ནི་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ལྟེ་གནས་ཀྱིས་2014ལོར་ཐེངས་དང་པོར་བཟོས་ནས་ཡོངས་བསྒྲགས་བྱས་པ་ཞིག་རེད། སྟོན་གྲངས་དེའི་ནང་དཔལ་འབྱོར་འཕར་ཚད་ཀྱི་ལྗང་མདོག་ཆུ་ཚད་དང་། ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོང་ཚད་གཞི། སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ། དབུལ་སྐྱོར་གསར་སྤེལ་དང་དབུལ་པོ་ཉུང་གཏོང་གི་ཕན་འབྲས་བཅས་ལ་དམིགས་ནས། ས་ཁུལ་ཞིག་གི་དབུལ་སྐྱོར་དབུལ་སྒྲོལ་གྱི་བརྒྱུད་རིམ་དང་། ལྗང་མདོག་དབུལ་པོ་ཉུང་གཏོང་གི་ཆུ་ཚད། ལྗང་མདོག་དབུལ་པོ་ཉུང་གཏོང་གི་ཕྱོགས་བསྡུས་ཕན་འབྲས་བཅས་ལ་ཕྱོགས་བསྡུས་ཚོད་དཔག་དང་དཔྱད་དཔོག་བྱས་པ་ནི་ཀྲུང་གོའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མཚོན་པ་དང་ཞིབ་བསྡུར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་རེད།