མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་
ཀུན་སྤྱོད་དཔེ་བཟང་བར་འཚམས་འདྲི་དང་རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། 2017ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་ཀུན་སྤྱོད་དཔེ་བཟང་བར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སེམས་གང་ལེགས་མཚོན་པ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་དྲོ་སྐྱིད་ཚོར་བ་བྱས་ནས་སྤྱི་ཚོགས་ཡོངས་ལ་སྤྱོད་ཚུལ་གོང་བཀུར་དང་། སྤྱོད་ཡོན་གཉིས་ལྡན། ཀུན་སྤྱོད་ཡོངས་ཁྱབ་བཅས་ཀྱི་རྣམ་པ་ཟབ་མོ་གཏོད་ཡོད་པ་རེད།
          ཉེ་ཆར་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་གྱིས་འཚམས་འདྲི་ཚོགས་ཆུང་གི་སྣེ་ཁྲིད་དེ་ཅང་ཤིས་དང་། ཧོ་ནན། ཀོང་ཏུང་། ཧྲང་ཧའེ། མཚོ་སྔོན། ཤིན་ཅང་སོགས་སུ་འཚམས་འདྲི་རོགས་སྐྱོར་གྱི་བྱེད་སྒོ་སོ་སོར་སྤེལ་ཏེ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་ལྟ་བར་བསྐྱོད་དེ་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་བྱས་པ་དང་། འཚམས་འདྲིའི་རོགས་སྐྱོར་མ་དངུལ་དང་དཔྱིད་གསར་གྱི་སྨོན་འདུན་ཞུས་པ། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐད་ཆ་ཞིབ་ཕྲ་དྲིས་པ། ཁོང་ཚོར་གཟུགས་པོར་བདག་གཅེས་བྱེད་དགོས་པའི་མངགས་བཅོལ་བྱས་པ་བཅས་བྱས་ནས་ཁོང་ཚོས་ཀུན་སྤྱོད་དཔེ་བཟང་བའི་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་རྒྱུར་སྐུལ་ལྕག་བྱས་པ་རེད།
          འཚམས་འདྲི་དང་རོགས་སྐྱོར་བྱ་ཡུལ་གྱི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་གྲས་སུ་རང་ཉིད་ཀྱི་བཟའ་ཚང་ལ་རོགས་པ་བྱས་ནས་ཐག་རིང་རི་གྲོང་དུ་གཞིས་ཆགས་མཁན་དང་། ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་དབུལ་སྐྱོར་དཀའ་སེལ་བྱེད་མཁན། གྲོང་གསེབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་འཛུགས་དམག་དཔོན་གྱི་ནང་མི་ཀུང་ཆོན་ཀྲེན་ཡོད་ལ། ལོ་འཁོར་མོར་མ་དངུལ་ཞལ་འདེབས་ཕུལ་ནས་གེགས་སེལ་སློབ་རོགས་ཀྱིས་རི་བོ་ཅིན་ཀང་ཧྲན་གྱི་སྙིང་སྟོབས་འོས་འགན་ངང་སྒྲོག་འགྲེལ་མཐའ་འཁྱོངས་བྱེད་མཁན་མའོ་པིང་ཧྭ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་དམག་འཐབ་བྱེད་སྐབས་གཟི་བརྗིད་ངང་རྨས་སྐྱོན་ཕོག་པའི་འཐབ་འཛིང་དཔའ་བོ་མའེ་ཞན་ཏེ། ལོ་ངོ་40ལྷག་ཙམ་འཁང་ར་མེད་པར་རང་ནུས་ཡོད་རྒུས་དྲོ་སྐྱིད་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་སྐྲུན་མཁན་ལི་ཡུས་ཀྲི། མི་རིགས་མང་པོའི་དྭ་ཕྲུག་10གསོ་ཉར་བྱས་ནས་བྱམས་སེམས་ཅན་གྱི་མ་ལྟར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་སྐྱོང་མཁན་ཨ་ཉི་ཕ·ཨ་ལི་མ་ཧུང་། ལོ་མང་རིང་མི་གཞན་ལ་རོགས་རམ་བྱེད་པ་དང་། འོས་འགན་ངང་ཁྲག་སྦྱིན་འབུལ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ།གཅེས་སེམས་ཚོགས་པ་བཙུགས་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཞུགས་མཁན་དེང་དུས་ཀྱི་ལེ་ཧྥུང་ཀུའོ་མིང་དབྱི། ལས་ཀ་གཙང་བཙོག་ལ་མི་འཛེམས་པ་དང་དོན་ཆུང་ཡིན་ཡང་མི་སྐྲག་པར་སྤྱི་པའི་གསང་སྤྱོད་ཆུང་ཆུང་དེ་ཧྲང་ཧའེ་ཆེ་མོའི་ཤེས་དཔལ་སྐར་ཁུང་ལ་བསྒྱུར་མཁན“ལོ་རབས་80པའི་ནང་སྐྱེས་པའི”ཁོར་ཡུག་སྲུང་སྐྱོང་བཟོ་པ་ལི་དབྱིང་སོགས་ཡོད། ཀུན་སྤྱོད་དཔེ་བཟང་བ་ཚོས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ངེས་པར་དུ་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་། ཁེངས་སྐྱུང་གཟབ་ནན། ཡང་འབད་བསྐྱར་འབད་བཅས་ཀྱི་ཐོག་ནས་མི་དཀྱུས་མས་དགེ་ལས་སྒྲུབ་པར་བརྟེན་ཏེ། སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།