མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་དང་བཟུང་
སྤྱོད་དང་ཁ་གསབ་དོ་སྙོམས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་དང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དབང་ཆ་སྤྲད་པ་བཞིན་ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་ནང་ཆེས་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དང་གྲོན་ཆུང་ངང་ས་ཆ་བེད་སྤྱོད་ལམ་ལུགས་མཐའ་འཁྱོངས་བྱས་ནས་དོམ་ཁྲར་སྲུང་སྐྱོབ་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོབ་ཀྱིས་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྣོད་བཅུད། “ཕྱོགས་གསུམ་གཞི་གཅིག”བཅས་ལ་སྲུང་སྐྱོང་ཧུར་ཐག་བྱས་ཐོག རྨོ་ཞིང་གི་དམར་ཐིག་བརྟན་པོར་བསྲུངས་ཏེ་སྲུང་སྐྱོང་བྱེད་ཤུགས་དེ་བས་ཆེ་བ་དང་། ལག་ལེན་བསྟར་རྒྱུ་དེ་བས་ཐོགས་པ་མེད་པ། དོ་དམ་དེ་བས་ཕན་ནུས་ཆེ་བ་བཅས་ཀྱི་རྨོ་ཞིང་སྲུང་སྐྱོང་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
            བསམ་འཆར་ནང་། རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་དང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ། འཛུགས་སྐྲུན་ཐད་རྨོ་ཞིང་བཟུང་རྒྱུ་སྒམ་ནན་དང་། རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་དོ་དམ་ལེགས་སུ་གཏོང་བ། རྨོ་ཞིང་སྤུས་ཚད་མཐོར་གཏོང་དང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། རྨོ་ཞིང་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་ལེན་བྱ་ཐབས་དང་ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཐད་ལ་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད་པ་རེད། ས་ཆ་འཆར་འགོད་དང་དོ་དམ་ཚོད་འཛིན་དང་སྤྱོད་ཡུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་ཀྱི་དོ་དམ་ཚོད་འཛིན་ནུས་པ་ཧྲིལ་པོ་འདོན་སྤེལ་གང་ལེགས་བྱ་རྒྱུའི་ནན་བཤད་བྱས་ཏེ། འཛུགས་སྐྲུན་ཐད་སྤྱོད་པའི་གསར་དུ་འཕར་བའི་ས་ཆའི་རྒྱ་ཁྱོན་ལ་དཔྱད་ཞིབ་གཏན་འཁེལ་ནན་ཏན་བྱེད་པ་དང་། འཛུགས་སྐྲུན་ཐད་རྨོ་ཞིང་བཟུང་སྤྱོད་དང་ལྷག་པར་དུ་ས་རྒྱུ་གཤིན་པོའི་རྨོ་ཞིང་བཟུང་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་དགོས། ཡུན་རིང་གི་རྨང་གཞིའི་ས་ཞིང་དབྱེ་འབྱེད་གཏན་འབེབས་དང་སྲུང་སྐྱོང་ནན་པོ་བྱེད་པ་དང་། ཡུན་རིང་གི་རྨང་གཞིའི་ས་ཞིང་དུ་དབྱེ་འབྱེད་གཏན་འབེབས་བྱས་ཚེ་ཚན་པ་དང་མི་སྒེར་སུ་ཡིན་ཡང་གང་འདོད་དུ་བཟུང་སྤྱོད་དང་སྤྱོད་ཡུལ་སྒྱུར་མི་ཆོག་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་འཛུགས་སྐྱོང་སོགས་ཀྱི་འཆར་འགོད་བྱེད་པར་རྩ་དོན་ཐོག་ཡུན་རིང་གི་རྨང་གཞིའི་ས་ཞིང་གི་མཐའ་ཚད་ལས་བརྒལ་མི་ཆོག
         བསམ་འཆར་ནང་། རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་དོ་དམ་ལེགས་སུ་བཏང་ནས། རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། རྫོང་ཁོངས་ཀྱིས་རང་འགུལ་ངང་དོ་སྙོམས་བྱེད་པས་གཙོ་བོ་དང་། ཞིང་ཆེན་ཁོངས་གཏོགས་ནང་ཁུལ་དུ་སྙོམས་སྒྲིག་བྱེད་པས་གཞོགས་འདེགས། རྒྱལ་ཁབ་ཀྱིས་སྤྱི་འདོམས་འཚམ་པོ་བྱེད་པ་ཁ་གསབ་བཅས་བྱས་ནས་རྨོ་ཞིང་ཁ་གསབ་ལས་འགན་དོན་འཁྱོལ་བྱེད་དགོས། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་སྲིད་གཞུང་གིས་རྨོ་ཞིང་ཁ་གསབ་བྱ་ཐབས་རྒྱ་སྐྱེད་དང་རྨོ་ཞིང་ཁ་གསབ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་སྦྲགས། ཞིང་ཆེན་ཁོངས་གཏོགས་ཁུལ་ནང་གི་རྨོ་ཞིང་ཁ་གསབ་དམིགས་ཚད་སྙོམས་སྒྲིག་དོ་དམ་ཚད་ལྡན་བཟོས་ཐོག རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། རྨོ་ཞིང་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྨོ་ཞིང་སྲུང་སྐྱོང་བྱེད་པར་ཁ་གསབ་ལྕག་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཁུལ་བརྒལ་བའི་རྨོ་ཞིང་ཁ་གསབ་བྱེད་པའི་ཁེ་ཕན་སྙོམས་སྒྲིག་བྱེད་དགོས། སྣོད་བཅུད་ཆ་རྐྱེན་འཛོམས་པའི་སྔོན་འགྲོའི་འོག་རྨོ་ཞིང་རྗེས་གྲབས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གཙོ་གནད་དབུལ་སྐྱོར་ས་ཁུལ་ལ་རྒྱབ་སྐྱོར་བྱས་ཏེ་རྨོ་ཞིང་ཁ་གསབ་དམིགས་ཚད་ཞིང་ཆེན་ཁོངས་གཏོགས་ཀྱི་དཔལ་འབྱོར་འཕེལ་མགྱོགས་པའི་ས་ཁུལ་དུ་ཁ་གཏད་སྙོམས་སྒྲིག་བྱེད་དགོས།
         བསམ་འཆར་ནང་། རྨོ་ཞིང་སྲུང་སྐྱོང་འགན་འཁྲིར་ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་བྱ་རྒྱུ་ནན་བཤད་བྱས་ཡོད་པ་སྟེ། “ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་ཁག་གིས་གཞོགས་འདེགས་བྱེད་པ། དམངས་ཡོངས་ཞུགས་པ། གོང་འོག་མཉམ་འགུལ”བཅས་ཀྱི་ཐུན་མོང་འགན་འཁྲིའི་ལམ་སྲོལ་བཙུགས་ཐོག་ལྟ་སྐུལ་ཞིབ་བཤེར་ནན་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱེད་ཁོངས་ཆེ་རུ་བཏང་ནས་རྨོ་ཞིང་སྲུང་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།