མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སི་ཐོག་ཁོར་མོར་གཏུམ་སྤྱོད་འཇབ་རྒོལ་གྱི་དོན་རྐྱེན་ཐོན་པར་སུའེ་ཏེན་གྱི་
རྒྱལ་པོ་ཁའར་སྐུ་ཐོག་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུར་འཚམས་འདྲིའི་ཞལ་པར་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཐོག་པར་མོར་གཏུམ་སྤྱོད་འཇབ་རྒོལ་གྱི་དོན་རྐྱེན་ཐོན་པར་སུའེ་ཏེན་གྱི་རྒྱལ་པོ་ཁའར་སྐུ་ཐོག་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུར་འཚམས་འདྲིའི་ཞལ་པར་བསྐྱོན་ནས་གཏུམ་སྤྱོད་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་གནང་བ་དང་ཉེས་མེད་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུས་གནང་བ་མ་ཟད། རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་ནང་མིར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
              ཞི་ཅིན་ཕིང་གིས་ཀྲུང་གོས་སུའེ་ཏེན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་སུའེ་ཏེན་རྒྱལ་ཁབ་གཉིས་དང་དེ་བཞིན་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།