མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའུ་ལས་ཁུངས་ཀྱིས་ན་ནིང་གྲོས་འགོ་16དང་གྲོས་གཞི་
25ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་2016ལོར་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་ལས་ཁུངས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་འགོ་16དང་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་25འབྱོར་བ་ཚང་མ་ཐག་གཅོད་བྱས་ཟིན་པ་ཁྱབ་བསྒྲགས་བྱས་ཡོད།
           ཀྲུང་དབྱང་སྒྲིག་ཨུད་ཀྱིས་འབྲེལ་ཡོད་འགན་ཁུར་བས་གྲོས་འགོ་དང་གྲོས་གཞི་ཚང་མ“འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་གནད་དོན་དང་གྲོས་འགོར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། འབྲེལ་གཏུག་གནད་བསྡུས་བཟོ་བ། འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཞིབ་མཆན་འགོད་རྒྱུར་འབུལ་བ། འཐུས་མི་དང་ཨུ་ཡོན་དང་འབྲེལ་གཏུག་བྱེད་པ། འབྲེལ་གཏུག་གི་གནས་ཚུལ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ། སྒྲུབ་གཉེར་གྱི་བསམ་ཕྱོགས་གསེད་བཀྲོལ་བྱེད་པ། སྒྲུབ་གཉེར་གྱི་བསམ་འཆར་ཆགས་པ་བྱེད་པ། འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་ཞིབ་བཤེར་གཏན་འབེབས་བྱེད་པ། ཞིབ་དཔྱད་བཟོ་བཅོས་བརྒྱབ་ནས་ཆོག་མཆན་འགོད་པ། འཐུས་མི་དང་ཨུ་ཡོན་ཚོར་དངོས་སུ་ལན་རྒྱག་པ”སོགས་ཀྱི་གོ་རིམ་བརྒྱུད་དགོས་པ་དང་། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་ལས་ཁུངས་ཀྱིས་གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་ལས་དོན་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དང་ཀྲུང་དབྱང་སྒྲིག་ཨུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གྲོས་འགོ་དང་གྲོས་གཞིའི་ནང་གི་ཡོངས་ཁྱབ་རང་བཞིན་དང་སྔོན་དཔག་རང་བཞིན་གྱི་གནད་དོན་མཐོང་ཐུབ་པ་བྱེད་དགོས་པ་དང་འབྲེལ་སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་དང་ཟུང་འབྲེལ་གྱིས་ཞིབ་འཇུག་ནན་ཏན་བྱས་ཏེ་ཐག་གཅོད་བྱེད་ཐབས་འདོན་དགོས་པའི་སྐོར་ངོ་སྤྲོད་བྱས་པ་རེད།