མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་《བརྡ་ཐོ་》པར་འགྲེམས་བྱས་ནས་རྒྱ་ཆེའི་
ཤེས་ཡོན་ཅན་གྱི་ཁྲོད“རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་
གསར་པར་བྱས་རྗེས་འཇོག་པའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

            མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་《རྒྱ་ཆེའི་ཤེས་ཡོན་ཅན་གྱི་ཁྲོད“རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་རྒྱ་ཆེའི་ཤེས་ཡོན་ཅན་གྱི་ཁྲོད“རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
          《བརྡ་ཐོའི་》ནང་བཏོན་དོན། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ཐོག་ནས་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་ཀྱིས་དེང་རབས་ཀྲུང་གོར་དོན་སྙིང་གལ་ཆེན་ལྡན་ལུགས་རྒྱས་བཤད་གཏིང་ཟབ་བྱས་པ་དང་སྤྱི་ཚོགས་ཡོངས་སུ་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད། རྒྱ་ཆེའི་ཤེས་ཡོན་ཅན་གྱི་ཁྲོད“རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ཡོན་ཅན་ལ་སྣེ་ཁྲིད་ཞབས་ཞུ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེ་ནི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ཡོན་ཅན་ཏང་དང་མི་དམངས་ཀྱི་རླབས་ཆེན་འབད་འཐབ་ཁྲོད་གཅིག་ཏུ་བསྡུས་ནས་འབད་འཐབ་ལྷོད་མེད་དང་མཐུན་སྒྲིལ་འབད་འཐབ་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གཏིང་ཟབ་ལྡན་ཡོད།
          《བརྡ་ཐོའི་》ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དྲིལ་བསྒྲགས་གསལ་འགྲེལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་ཤེས་ཡོན་ཅན་གྱི་ཁྲོད་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་ཚ་རླབས་ཤིག་གང་མགྱོགས་འཕྱུར་བ་བྱེད་དགོས། སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱ་རྒྱུའི་སྒྲིག་འཛུགས་བྱས་ནས་དུས་རབས་གསར་པའི་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དང་། ཏང་དང་རྒྱལ་ཁབ་ཀྱི་འབད་འཐབ་དམིགས་ཚད་ཀྱི་བསམ་བློའི་མོས་སེམས་དང་། བརྩེ་དུང་གི་མོས་སེམས། རིན་ཐང་གི་མོས་སེམས་བཅས་ཏན་ཏིག་ངང་ཆེ་རུ་གཏོང་དགོས། ཆེད་དོན་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་དེ་ཤེས་ཡོན་ཅན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིབ་འཇུག་ཟབ་སྦྱོང་དང་ལས་སྒོའི་གསོ་སྦྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་ཞིབ་འཇུག་ཟབ་སྦྱོང་གི་གསོ་སྦྱོང་གི་རྩ་གནད་དང་སློབ་ཚན་གྱི་དཔེ་དབྱིབས་ནང་འཇུག་དགོས། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་རྒྱལ་གཅེས་ཀྱི་འབད་འཐབ་སྙིང་སྟོབས་ལག་བསྟར་བྱེད་མཁན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འདེམས་འཛུགས་ལས་དོན་ཧུར་ཐག་སྤེལ་ནས་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་དགོས། ལས་གནས་ལག་བསྟར་གྱི་བྱེད་སྒོ་སྤེལ་ཏེ་བྱེད་སྒོ་སྤེལ་རྒྱུ་དེ་ཤེས་ཡོན་ཅན་གྱི་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱ་ཆེའི་ཤེས་ཡོན་ཅན་གྱི་འབད་འཐབ་བྱེད་སེམས་འཕེལ་བ་དང་རྒྱ་ཆེའི་ཤེས་ལྡན་ཅན་ལ་མི་དམངས་ཁྲོད་རྩ་བ་ཚུགས་པ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་རྒྱུའི་ཁྲིད་སྟོན་བྱེད་དགོས།