མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་《དམག་དཔུང་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་》
དང་《དམག་དཔུང་གིས་ཏང་གི་འགན་འཁྲི་རྩད་གཅོད་ལས་དོན་ལག་བསྟར་
བྱ་རྒྱུའི་གཏན་འབེབས་》པར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་03ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་《དམག་དཔུང་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་》དང་《དམག་དཔུང་གིས་ཏང་གི་འགན་འཁྲི་རྩད་གཅོད་ལས་དོན་ལག་བསྟར་བྱ་རྒྱུའི་གཏན་འབེབས་》པར་འགྲེམས་བྱས་ཏེ་2018ལོའི་ཟླ་8ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
            《གཏན་འབེབས་》གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་པ་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམ་བཟུང་བྱེད་པ་དང་དར་ཆ་ཁྲིད་སྟོན་དུ་བྱས་ནས་རྩ་བའི་བརྩི་སྲུང་ཞུ་ས་ཁོང་དུ་ཆུད་རྒྱུ་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་དངོས་སྒྲུབ་སྤྱོད་གོ་ཆོད་པ་ཡོང་ཐབས་བྱ་རྒྱུ་མཐའ་འཁྱོངས། སྤྱི་འདོམས་མཐུན་སྦྱོར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་ཇུས་འགོད་མཐའ་འཁྱོངས། གསར་གཏོད་རྒྱུན་འཛིན་བྱས་ནས་དམག་དཔུང་གི་ཁྱད་ཆོས་མངོན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དམག་དཔུང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་འགན་འཁྲི་རྩད་གཅོད་བྱེད་པའི་ལས་དོན་ཐད་སྒྲིག་སྲོལ་བཟོ་བ་དང་སྒྲིག་ལམ་གསལ་པོ་ཡོང་བ་བྱས་ནས་བཙན་ཞིང་ནན་པའི་བྱེད་ཐབས་བཟོས་ཡོད། 《གཏན་འབེབས》གཉིས་པར་འགྲེམས་ལག་བསྟར་བྱས་པ་དེས་དམག་དཔུང་གི་རིམ་ཁག་ཏང་ཨུད་དང་སྒྲིག་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་སྔར་བས་ཚད་ལྡན་དུ་བཏང་ནས་དམག་དཔུང་གི་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
            《དམག་དཔུང་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ལག་བསྟར་བྱ་རྒྱུའི་གཏན་འབེབས་》ཀྱིས་ལྟ་སྐུལ་གྱི་བྱེད་པོ་དང་། ལྟ་སྐུལ་གྱི་འགན་འཁྲི། ལྟ་སྐུལ་བྱེད་ཐབས་བཅས་གཅིག་གྱུར་ཡག་པོ་བྱ་རྒྱུར་དམིགས་ནས་ལྟ་སྐུལ་གྱི་འགན་འཁྲི་ལས་ཀའི་གཙོ་གནད་དུ་བྱས་ཏེ་བྱེད་པོ་མི་འདྲ་བར་དབྱེ་བ་ཕྱེ་ནས་ལྟ་སྐུལ་གྱི་འགན་འཁྲི་གསལ་པོ་བཟོས་པ་དང་། ཞིབ་ཕྲའི་ལམ་ལུགས་ཚད་ལྡན་དུ་བཏང་བ། ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཏང་ཨུད་ཀྱིས་ཕྱོགས་ཡོངས་ཀྱི་ལྟ་སྐུལ་བྱེད་པ། སྒྲིག་ཨུད་ཀྱིས་ལྟ་སྐུལ་གྱི་ཆེད་འགན་ཁུར་བ། གཞི་རིམ་ཏང་རྩ་འཛུགས་ཀྱིས་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་པ། ཏང་ཡོན་གྱིས་དམངས་གཙོའི་ལྟ་སྐུལ་བྱེད་པ་བཅས་ཀྱི་དམག་དཔུང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་བཙུགས་པ་རེད། 《དམག་དཔུང་གིས་ཏང་གི་འགན་འཁྲི་རྩད་གཅོད་ལས་དོན་ལག་བསྟར་བྱ་རྒྱུའི་གཏན་འབེབས་》ཀྱིས་དབང་ཆ་ཡོད་ཚེ་ངེས་པར་དུ་འགན་འཁྲི་ཁུར་བ་དང་། འགན་འཁྲི་ཡོད་ཚེ་ངེས་པར་དུ་འགན་འཁྲི་ཁུར་བ། འགན་འཁྲི་ཤོར་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ་བཅས་ལ་དམིགས་ནས་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཐུས་ཚང་བཟོས་པ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ། ཏང་རྩ་འཛུགས་ཀྱི་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་འགན་འཁྲི་ཚད་ལྡན་དུ་བཏང་བ་བཅས་བྱས་ནས་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད།