མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁ་མེ་རོང་གི་ཙུང་ཐུང་པི་ཡཱ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁ་མེ་རོང་གི་ཙུང་ཐུང་པི་ཡཱ་དང་མཇལ་འཛོམས་གནང་བ་རེད། 
           ཞི་ཅིན་ཕིང་གིས་འདི་ལོའི་ཟླ་བ་གསུམ་པར་སྐུ་ཞབས་ཙུང་ཐུང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་འཚམས་འདྲི་གནང་རྗེས་ཕྱོགས་གཉིས་པོས་ང་དང་སྐུ་ཞབས་ཙུང་ཐུང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱས་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་མེ་རོང་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་གྱི་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁ་མེ་རོང་གིས་བཟོ་ལས་ཅན་དང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་འདོད་ཡོད། ཁ་མེ་རོང་ཕྱོགས་ཀྱིས་ཞི་བདེ་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་འཇོན་ཐང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས། 
           པི་ཡཱ་ཡིས་ཁ་ཀྲུང་དབར་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཁ་མེ་རོང་གིས་མོས་མཐུན་བྱེད་ཀྱི་ཡོད། ཀྲུང་གོས་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁ་མེ་རོང་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད།