མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

ཞི་ཅིན་ཕིང་གིས་ནེ་ཀྲེ་རི་ཡའི་ཙུང་ཐུང་པུ་ཧ་ལི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནེ་ཀྲེ་རི་ཡའི་ཙུང་ཐུང་པུ་ཧ་ལི་དང་མཇལ་འཛོམས་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་བདེ་བླག་ངང་མཇུག་འགྲིལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོཌ་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོཌ་ཟླའི་འབྲེལ་བའི་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་དང་ཕུན་སུམ་ཚོགས་སུ་ཕྱིན་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད། ནི་ཀྲེ་རི་ཡ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆེན་པོ་ཞིག་རེད་ལ་ཨ་ཧྥེ་རི་ཁའི་ཀྲུང་གོའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ནི་ཀྲེ་རི་ཡའི་དབར་གྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ངས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ནི་ཀྲེ་རི་ཡ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་པར་ཀྲུང་གོ་ཕྱོཌ་ཀྱིས་བསྔཌ་བརྗོད་བྱེད་ཀྱི་ཡོད་ལ། ནི་ཀྲེ་རི་ཡ་ཕྱོཌ་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་གལ་ཆེན་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།