མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐུ་ནི་སིའི་ཙུང་ལི་ཧྲ་ཧོ་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་07ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐུ་ནི་སིའི་ཙུང་ལི་ཧྲ་ཧོ་ཏེ་དང་མཇལ་འཛོམས་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཐུ་ནི་སིའི་སྲོལ་རྒྱུན་མཛའ་གྲོགས་ཟབ་པས། དུས་བབ་ལ་ཇི་ལྟར་འགྱུར་ལྡོག་ཕྱིན་རུང་ཀྲུང་གོ་དང་ཐུ་ནི་སིའི་མཛའ་མཐུན་ལ་འགྱུར་ལྡོག་འགྲོ་མི་སྲིད། དེང་སྐབས་ཀྲུང་གོ་དང་ཐུ་ནི་སིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཐུ་ནི་སི་ཕྱོགས་ཀྱིས་རང་ངོས་ཀྱི་རྒྱལ་བབ་དང་འཚམ་ལ་དུས་རབས་ཀྱི་རླབས་རྒྱུན་དང་ཡང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཐུ་ནི་སི་རྒྱལ་ཁབ་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་ཡོང་ཕྱིར་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། ཕྱོགས་གཉིས་པོའི་དབར་སྤེལ་རེས་མང་ཙམ་དང་ཤེས་རྟོགས་མང་ཙམ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་འབྲེལ་ཡོད་གཙོ་གནད་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འཇིག་རྟེན་འཕུར་སྐྱོད་དང་ཡུལ་སྐོར་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཉམ་དུ་འབད་བརྩོན་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་མཉམ་དུ་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།