མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་བཟའ་བཅའི་བདེ་
འཇགས་འཆར་འགོད་》དང་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་སྨན་
རྫས་བདེ་འཇགས་འཆར་འགོད་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན། ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་བཟའ་བཅའི་བདེ་འཇགས་འཆར་འགོད་》དང་《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་སྨན་རྫས་བདེ་འཇགས་འཆར་འགོད་》པར་འགྲེམས་བྱས་ནས་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། འཕེལ་རྒྱས་ཀྱི་དམིགས་ཚད། ལས་འགན་གཙོ་བོ་བཅས་ཁ་གསལ་བཏོན་པ་མ་ཟད། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་རྫས་བདེ་འཇགས་འགན་ལེན་བྱ་རྒྱུའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
         《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་བཟའ་བཅའི་བདེ་འཇགས་འཆར་འགོད་》ནང་། 2020ལོར་སླེབས་སྐབས་བཟའ་བཅའི་བདེ་འཇགས་དཔེ་འཐེན་བརྟག་དཔྱད་དེ་བཟའ་བཅའི་རིགས་དང་སྣ་ཁ་ཚང་མར་ཁྱབ་པ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་གཞི་བཀོད་སྒྲིག་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལོ་ལྟར་སྒྲིག་འཛུགས་ལག་བསྟར་བྱས་པའི་བཟའ་བཅར་ཞིབ་དཔྱད་བྱེད་ཚད་མི་སྟོང་རེར་རྐང་4ཟིན་པ་བྱ་རྒྱུ། ཞིང་ལས་སྦགས་བཙོག་གི་འབྱུང་རྩ་བཅོས་སྒྲིག་ནུས་ལྡན་བྱ་རྒྱུ་དང་ཞིང་ཞོར་ཐོན་རྫས་གཙོ་བོའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་གྱི་ཚད་ལོན་ཚད་97%ཡན་ཟིན་པ་བྱ་རྒྱུ། བཟའ་བཅའི་བདེ་འཇགས་ཀྱི་ཞིབ་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་བར་ལོ་ལྟར་ཉུང་མཐར་ཡང་ཞིབ་བཤེར་ཐེངས་གཅིག་བྱ་རྒྱུ། བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དེ་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་རྫས་ཀྱི་ཚད་གཞི་རྒྱུན་གཏན་གྱི་འཛད་སྤྱོད་བཟའ་བཅའི་ནང་ཁྱབ་པ་དང་ཚད་ཡོད་ཚད་གཞིའི་ཆོག་མཆན་ཐོབ་ནས་སྤྱོད་བཞིན་པའི་ཞིང་སྨན་ཕྱུགས་སྨན་དང་འབྲེལ་ཡོད་ཞིང་ཞོར་ཐོན་རྫས་ནང་ཁྱབ་པ་བྱ་རྒྱུ། བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་དང་ལག་རྩལ་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་བཅས་བཏོན་ཡོད།
         《“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་སྨན་རྫས་བདེ་འཇགས་འཆར་འགོད་》ནང་། “ལོ་ལྔ་ཚན་གསུམ་པའི”རིང་སྨན་རྫས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་སྟེ་དུས་དབྱེ་ཁག་དབྱེའི་ཐོག་ནས་ཁྲོམ་རར་བཏོན་ཟིན་པའི་སྨན་རྫས་ཀྱི་སྤུས་ཚད་དང་ཕན་ནུས་ལ་གཅིག་གྱུར་ཐོག་གདེང་འཇོག་བྱ་རྒྱུ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞི་3050དང་སྨན་བཅོས་ཡོ་བྱད་ཀྱི་ཚད་གཞི་500ལ་བཟོ་རྒྱུ་དང་བཟོ་བཅོས་རྒྱག་རྒྱུ། ཞིབ་དཔྱད་ཞིབ་མཆན་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་གཏན་འབེབས་དུས་ཆད་ནང་ཞིབ་དཔྱད་ཞིབ་མཆན་བྱ་རྒྱུ། ཞིབ་བཤེར་ནུས་པར་སྔར་བས་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཅན་གྱི་ཞིབ་བཤེར་མི་སྣའི་གྲངས་འབོར་དང་བྱང་ཚད་ཀྱིས་ཞིབ་བཤེར་གྱི་དགོས་མཁོ་བསྐོང་ཐུབ་པ་བྱ་རྒྱུ། ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་སྨན་རྫས་ཀྱི་དུས་བཀག་བདེ་འཇགས་རང་བཞིན་གསར་བརྗེས་སྙན་ཞུའི་གདེང་འཇོག་བྱེད་ཚད་100%ཟིན་པ་བྱ་རྒྱུ། ཞིབ་བཤེར་ཞིབ་དཔྱད་དང་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནུས་པ་ཆེ་རུ་བཏང་ནས་སྨན་རྫས་དང་སྨན་བཅོས་ཡོ་བྱད་ལ་ཞིབ་བཤེར་ཞིབ་དཔྱད་བྱེད་མཁན་སྒྲིག་གཞི་རྒྱལ་ཁབ་ཀྱི་བབ་མཐུན་ཚད་གཞིར་སླེབས་པ་བྱ་རྒྱུ། སྨན་གཉེར་དཀའ་བཅུ་པའི་ཞབས་འདེགས་ཆུ་ཚད་མཐོ་རུ་བཏང་ནས་མི་འབོར་ཁྲི་རེར་སྨན་གཉེར་དཀའ་བཅུ་པའི་གྲངས་འབོར་མི་4ལྷག་ཙམ་ཟིན་པ་བྱ་རྒྱུ། སྨན་རྫས་སིལ་ཚོང་ཁང་གི་དོ་དམ་མི་སྣ་གཙོ་བོར་སྨན་གཉེར་དཀའ་བཅུ་པའི་ཐོབ་ཐང་རག་པ་བྱ་རྒྱུ་དང་ལས་གཉེར་བྱེད་སྐབས་སྨན་གཉེར་དཀའ་བཅུ་པས་སྨན་གཏོང་སྟངས་ཐད་ཁྲིད་སྟོན་བྱེད་ཐུབ་པ་བཅས་བཏོན་ཡོད།