མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གེགས་འགོག་གེགས་
སེལ་གྱི་འཆར་གཞི་(2016ལོ་ནས་2020ལོ་བར)》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གེགས་འགོག་གེགས་སེལ་གྱི་འཆར་གཞི་(2016ལོ་ནས་2020ལོ་བར)》(གཤམ་དུ་《འཆར་གཞི་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
            《འཆར་གཞིའི་》ནང་“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ལས་ཀའི་ལས་འགན་གཙོ་བོ་ཁ་གསལ་བཏོན་པ་སྟེ། གཅིག་ནས་གེགས་འགོག་གེགས་སེལ་དང་གེགས་སྐྱོབ་གནོད་འཚེ་ཉུང་གཏོང་གི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་སྲོལ་དང་ལག་རྩལ་ཚད་ལྡན་གྱི་མ་ལག་མགྱོགས་མྱུར་ཆགས་པ་བྱེད་དགོས་པ་དང་། གཉིས་ནས་གེགས་འགོག་གེགས་སེལ་གེགས་སྐྱོབ་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱིས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་འགན་དབང་ཁག་བགོས་གསལ་པོ་བྱས་ཏེ་ས་གནས་ཏང་ཨུད་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་དང་ཉེན་ཁ་འགོག་ཟོན་གྱི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་གནོད་འཚེའི་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་འཕྱུག་མེད་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་སྟེ་གནོད་འཚེའི་ཉེན་ཁ་དང་གནོད་འཚེ་ཉུང་གཏོང་གི་ནུས་པར་བརྟག་དཔྱད་བྱེད་དགོས་པ། བཞི་ནས་གནོད་འཚེ་འཕྲལ་སྡོམ་ཐག་གཅོད་དང་སླར་གསོ་བསྐྱར་སྐྲུན་གྱི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་གནོད་འཚེ་ཕོག་པའི་མིའི་འཚོ་བའི་འགན་ལེན་ཆུ་ཚད་མཐོ་རུ་བརྟན་པོ་བཏང་ནས་གེགས་ཁུལ་དེ་བས་བདེ་འཇགས་དང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་དགོས་པ། ལྔ་ནས་ལས་གྲྭའི་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྱི་ཨར་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་གེགས་འགོག་ནུས་པ་ཆེ་རུ་གཏོང་བ་དང་གྲོང་གསེབ་སྡོད་ཁང་གི་འགོག་སྲུང་ཆུ་ཚད་དང་གེགས་འགོག་ནུས་པ་ཆེ་རུ་གཏོང་དགོས་པ། དྲུག་ནས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་ཚན་རྩལ་འདེགས་སྐྱོར་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་རིགས་པའི་གཞུང་ལུགས་དང་འགག་རྩའི་ལག་རྩལ་གྱི་ཞིབ་བཟོར་ཤུགས་སྣོན་རྒྱག་པ་དང་ལག་རྩལ་གསར་པའི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། བདུན་ནས་ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ཀྱི་ནུས་པ་འཛུགས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་ཏེ་འཕྲལ་སྡོམ་ཉེན་གཡོལ་གནས་དང་དེ་བཞིན་སྡེ་ཁུལ་དང་ཁྱིམ་ཚང་གི་གནོད་འཚེ་ཉུང་གཏོང་གི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བརྒྱད་ནས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ནང་ཡོད་པའི་ཁྲོམ་ར་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་གེགས་བར་ཚབས་ཆེན་གྱི་འགན་བཅོལ་ལམ་ལུགས་མགྱོགས་མྱུར་བཙུགས་ནས་སྤྱི་ཚོགས་སྟོབས་ཤུགས་ཞུགས་པ་དང་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ། དགུ་ནས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་དང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རོགས་ཀྱི་རྩལ་ནུས་ཆེ་རུ་གཏོང་དགོས་པ། བཅུ་ནས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། གེགས་སྐྱོབ་བཅས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་《2015ལོ་ནས་2030ལོ་བར་གྱི་ཤན་ཐའེ་ཡི་གནོད་འཚེ་ཉུང་གཏོང་གི་ཉེན་ཁའི་སྒྲོམ་གཞི་》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།